August 18, 2016
My step dad in India passed away in March this year. My wife Sisa and I traveled to India to participate in the funeral rituals and also to be with my mother. We spent about two months in India.
I am back now. I hope all is well with you.
This summer, I visited Quito and Cuenca cities in Ecuador for a few gigs. The festival, POLIFONICA World Music Concert, in Cuenca was well organized and I had an opportunity to meet some indigenous musicians of Ecuador. City of Cuenca, which still feels like in an old Spanish city, was very different and also vibrant. After that I was back in Quito and had a performance at the Promote Theater with Claudio Duran, an Argentinian musician and Sisa Salgado, who presented an Indian classical dance. The concert was a sold out event and we had a great time there.
Last month a documentary film "Arts in Exile", which I was part of, won an Emmy Award. You can read more about it at MountainLake.org .
I want to congratulate Paul Larson and his team at the Mountain Lake PBS for doing a great job. The documentary DVD is now available for purchase.
Currently, I am focussing on writing a recording project of “Nangma” and “Toshae", two traditional Classical Tibetan music. This is quite a big project. I am planning to record over seventy songs professionally and upload these online with a free access to people interested in Tibet music and culture. This is part of my Preservation of Tibetan music project. I think this will take about two years if I get the funding needed to complete the project. You can read more about the project at TibetanMusicPreservation.WordPress.com .
I have so far recorded about seven songs which you can listen at SoundCloud.com . For now there is not much touring solo or with with my band. I wish you all a safe and beautiful Autumn/Fall.
Techung
༄༅།། ཕྲན་ཇོ་ལགས་བཀྲས་ཆུང་གི་དྲ་རྒྱར་ཕེབས་གཟིགས་གནང་བར་དགའ་བསུ་ཞུ།
བར་སྐབས་ཟླ་ཤས་ནས་རོལ་དབྱངས་ཀྱི་ལས་དོན་དེ་ཙམ་ཞུ་མ་ཐུབ། དེ་ནི་ཕྲན་གྱི་ཕ་ཚབ་ངག་དབང་དགེ་འདུན་ལགས་འདི་ལོ་ཟླ་༣ ནང་དགོངས་རྫོགས་ཀྱི་མྱ་ངན་གྱི་དུས་ཚོད་སྐབས་ཡིན། ངའི་ཕ་ཚབ་དམ་པ་ཁོང་དགུང་ལོ་༩༣ རེད། ཁོང་ནི་མི་གཤིས་བཟང་བ་དང་ཆོས་སེམས་ཅན་ཞིག་ཡིན། ཁོང་གི་མི་ཚེ་ཧྲིལ་པོ་༧སྐྱབས་རྗེ་ར་སྟོད་ཆུ་བར་སྤྲུལ་སྐུ་སྐུ་ཐོག་དམ་པའི་ཕྱག་མཛོད་ཀྱི་ལས་འགན་ལྷག་བསམ་རྣམ་དག་གིས་ཞུས་། ངའི་ཨ་མའི་ལྷན་དུ་བཟའ་ཟླ་གནང་ནས་མི་ལོ་༤༠ ལྷག་རིང་བཀའ་དྲིན་ཆེན་པོ་གནང་བས་ཁོང་རྗེས་དྲན་ཞུ།།
བཙན་བྱོལ་ནང་སྒྱུ་རྩལ་ཞེས་པའི་དངོས་བྱུང་གློག་བརྙན་ལ་ཨེ་མི་ (Emmy Awards) ཐོབ་པ།
འདི་ག་ཨ་རི་ནིའུ་ཡོག་གྲོང་ཁྱེར་པ་ལ་སེ་སྦག། (Plattsburgh) དུ་ཡོད་པའི་གཟུགས་མཐོང་རླུང་འཕྲིན་ལས་ཁང་ནས་བཙན་བྱོལ་ནང་སྒྱུ་རྩལ་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྤྲུན་གནང་ནས་ཨ་རི་རྒྱལ་ཡོངས་ནང་བརྙན་འཕྲིན་ལམ་ནས་གཟིགས་འབུལ་ཞུས། འདི་ནི་འདི་གའི་ས་འཁུལ་དུ་གནས་ཡོད་བོད་མི་ནང་ཚང་དང་རྒྱུ་རྩལ་བ་དག་གི་བཙན་བྱོལ་ནང་རང་གི་རིག་གཞུང་སྲུང་སྐྱོག་དང་ས་གནས་མི་མང་ལ་མཉམ་འབྲེལ་གནང་བཞིན་པའི་སྐོར་གློག་བརྙན་དེར་ཨ་རིའི་བརྙན་འཕྲིན་བྱ་དགའ་ཨེ་མི་ཐོབ་པར་འདི་གའི་བརྙན་འཕྲིན་ལས་བྱེད་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།། གློག་བརྙན་ཆ་ཤས་ཤིག་འདིར་གཟིགས་ཐུབ། MountainLake.org
ལོ་ཤས་གོང་ནས་བོད་ཀྱི་སྲོལ་རྒྱུན་ནང་མ་དང་སྟོད་གཞས་སྒྲ་འཇུག་ཞུ་རྒྱུའི་ལས་འཆར་ཞིག་ཡོད་པས་ལས་འཆར་འདིར་ཉེ་སྤུན་དང་ངོ་ཤེས་ནས་མཐུན་འགྱུར་རོགས་རམ་གནང་ནས་ད་བར་གླུ་གཞས་གྲངས་བདུན་ཙམ་སྒྲ་འཇུག་ཞུས་ཟིན་པ་འདི་ནས་གསན་ཐུབ།SoundCloud.com རང་ཉིད་ཀྱི་དམིགས་ཡུལ་ནི་ནང་མ་སྟོད་གཞས་ཆ་ཚང་འདིར་མཁྱོན་སྡོམ་བདུན་ཅུ་ཉེ་བ་ཞིག་ཡོད་པས། སྒྲ་འཇུག་ཞུ་རྒྱུའི་ལས་འཆར་འདིར་ད་དུང་དཔལ་འབྱོར་རོགས་སྐྱོར་མི་ཞུ་ཐུབ་མེད་ལ་དེང་སྐབས་ལས་འཆར་འདི་རྣམས་ཡིག་ཐོག་བཀོད་བཞིན་པའི་ངང་ཡིན། ལས་འཆར་འདིའི་དམིགས་ཡུལ་ནི། དེ་སྔ་ཕྲན་རང་ན་གཞོན་སྐབས་བོད་ཀྱི་ཟློས་གར་དུ་དགེ་རྒན་ཀླུ་རྩ་དམ་པ་དང་སྐུ་ཞབས་གར་དཔོན་པ་སངས་དོན་གྲུག་ལགས་བཅས་ནས་སློབ་ཁྲིད་གནང་བའི་རོལ་དབྱངས་འདི་རྣམས་མ་འོངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་གི་ལས་གཞིར་ཕན་ཐོགས་ཡོང་བའི་རེ་སྨོན་ཡིན།། ཕྲན་གྱི་སྲོལ་རྒྱུན་རོལ་དབྱངས་འདི་རྣམས་རིན་མེད་དྲ་ཐོག་དོ་སྣང་ཅན་རྣམས་ཀྱི་སྙན་དབང་དུ་འབུལ་རྒྱུ་ཡིན།།
News Archive
News Archive
2017
2016
2015
2014
2013
2012
2011
2010
2009
News Archive
2017
2016
2015
2014